དཀར་ཆག
སྙན་མགུར

འདུས་བྱས་མི་རྟག་པའི་རང་བཞིན་བརྗོད་པ་རྒན་པོའི་དྲང་གཏམ།

ཞོགས་པའི་ཉི་འོད་དྲོན་མོ་ས་གཞི་ལ་ཕོག་ཚེ།།
མདང་དགོང་དལ་བུར་ཆགས་པའི་རྩ་རྩེ་ཡི་ཟིལ་ཐིགས།།
ཡིད་དུ་འོང་བའི་བཀྲག་ལྡན་མུ་ཏིག་དང་འདྲ་བ།།
ཡུན་རིང་མི་གནས་ཡལ་བའི་ངང་ཚུལ་འདི་སྐྱོ་བྱུང་།།