དཀར་ཆག
སྙན་མགུར

འདུས་བྱས་མི་རྟག་པའི་རང་བཞིན་བརྗོད་པ་རྒན་པོའི་དྲང་གཏམ།

ཞོགས་པའི་ཉི་འོད་དྲོན་མོ་ས་གཞི་ལ་ཕོག་ཚེ།།
མདང་དགོང་དལ་བུར་ཆགས་པའི་རྩ་རྩེ་ཡི་ཟིལ་ཐིགས།།
ཡིད་དུ་འོང་བའི་བཀྲག་ལྡན་མུ་ཏིག་དང་འདྲ་བ།།
ཡུན་རིང་མི་གནས་ཡལ་བའི་ངང་ཚུལ་འདི་སྐྱོ་བྱུང་།།

དཀར་ཆག
སྙན་མགུར

དུས་རབས་ཉེར་གཅིག་པའི་གནས་སྟངས་ལ་དཔྱད་པ་གཟུར་གནས་དགྱེས་པའི་དྲང་གཏམ།

ཐམས་ཅད་གཟིགས་པ་དྲང་སྲོང་ཆེན་པོ་དེས།།
དངོས་ཀུན་རྟག་པ་མེད་པར་བསྟན་པ་བཞིན།།
དུས་དང་བསྐལ་བ་སོགས་ཀྱང་མི་བརྟན་པར།།
མྱུར་དུ་འགྱུར་བ་སྲིད་པའི་ཆོས་ཉིད་ལགས།།

དཀར་ཆག
སྙན་མགུར

སྐྱབས་རྗེ་དམ་པ་སྐྱ་བླ་མ་གར་དབང་རྗེས་སུ་དྲན་པའི་གདུང་གླུ།

ལྷར་བཅས་འགྲོ་བའི་འདྲེན་པ་ཤཱཀྱའི་གཙོ།།
སྣང་སྲིད་ཟིལ་གནོན་དཔལ་ལྡན་མཚོ་སྐྱེས་རྗེ།།
གདོད་མའི་མགོན་པོ་དྲི་མེད་འོད་ཟེར་སོགས།།
རྩ་བརྒྱུད་བླ་མའི་ཞབས་ལ་གུས་ཕྱག་འཚལ།།

དཀར་ཆག
སྙན་མགུར

དགའ་སྐྱོ་ཟུང་མའི་གཏམ་ཐུང་།

འཛམ་གླིང་ས་ཡི་ཡང་རྩེ་གངས་ལྗོངས་སུ།།
ལུས་ཀྱི་ལྟེ་ཁྲག་དམར་པོ་དོར་ན་ཡང་།།
ལས་རླུང་དྲག་པོས་རྒྱང་རིང་ལ་དེད་ནས།།
གཞན་གྱི་ཡུལ་དུ་མི་ཚེ་བསྐྱལ་དགོས་བྱུང་།།